༄༅།།འཕགས་པ་བཀྲ་ཤིས་བརྒྱད་པའི་ཚིགས་སུ་བཅད་པ་བཞུགས་སོ།།
神聖吉祥八之偈頌法句願文
(八聖吉祥文)


ལས་གང་ཞིག་བརྩམས་པའི་ཐོག་མར་འདི་ཚར་གཅིག་བརྗོད་ན་གྲུབ་པ་བདེ་བ་ཡིད་བཞིན་དུ་བྱེད་པར་འགྱུར་བས་ཅི་ནས་ཡིད་ལ་བྱའོ།།
行任何事業之始 先誦此一遍 可順利如願成就 故當謹記於心
།ༀ།སྣང་སྲིད་རྣམ་དག་རང་བཞིན་ལྷུན་གྲུབ་པའི།
唵 情器清淨本質悉任運
།བཀྲ་ཤིས་ཕྱོགས་བཅུའི་ཞིང་ན་བཞུགས་པ་ཡི།
安住吉祥十方剎土中
།སངས་རྒྱས་ཆོས་དང་དགེ་འདུན་འཕགས་པའི་ཚོགས།
佛陀正法神聖僧伽眾
ཀུན་ལ་ཕྱག་འཚལ་བདག་ཅག་བཀྲ་ཤིས་ཤོག།
對彼頂禮吾等願吉祥
།སྒྲོན་མའི་རྒྱལ་པོ་རྩལ་བརྟན་དོན་གྲུབ་དགོངས།
燈之王佛力堅密意佛
།བྱམས་པའི་རྒྱན་དཔལ་དགེ་གྲགས་དཔལ་དམ་པ།
慈嚴祥佛善稱聖德佛
།ཀུན་ལ་དགོངས་པ་རྒྱ་ཆེར་གྲགས་པ་ཅན།
思維一切廣大名聞佛
།ལྷུན་པོ་ལྟར་འཕགས་རྩལ་གྲགས་དཔལ་དང་ནི།།
如須彌山勝力名聞佛
།སེམས་ཅན་ཐམས་ཅད་ལ་དགོངས་གྲགས་པའི་དཔལ།
憐憫有情眾生名德佛
།ཡིད་ཚིམ་མཛད་པ་རྩལ་རབ་གྲགས་དཔལ་ཏེ།
滿足所行名稱吉祥佛
།མཚན་ཙམ་ཐོས་པས་བཀྲ་ཤིས་དཔལ་འཕེལ་བ།
僅聞名號吉祥殊增上
།བདེ་བར་གཤེགས་པ་བརྒྱད་ལ་ཕྱག་འཚལ་ལོ།།
對彼八大善逝我頂禮
།འཇམ་དཔལ་གཞོན་ནུ་དཔལ་ལྡན་རྡོ་རྗེ་འཛིན།
童子文殊具德金剛手
སྤྱན་རས་གཟིགས་དབང་མགོན་པོ་བྱམས་པའི་དཔལ།
自在觀音怙主聖彌勒
།ས་ཡི་སྙིང་པོ་སྒྲིབ་པ་རྣམ་པར་སེལ།
地藏菩薩除蓋障菩薩
།ནམ་མཁའི་སྙིང་པོ་འཕགས་མཆོག་ཀུན་ཏུ་བཟང་།།
虛空藏與殊勝聖普賢
།ཨུཏྤལ་རྡོ་རྗེ་པད་དཀར་ཀླུ་ཤིང་དང་།
烏巴拉杵白蓮紫檀木
།ནོར་བུ་ཟླ་བ་རལ་གྲི་ཉི་མ་ཡི།
珍寶明月寶劍與日輪
ཕྱག་མཚན་ལེགས་བསྣམས་བཀྲ་ཤིས་དཔལ་གྱི་མཆོག
執持法器吉祥殊妙德
།བྱང་ཆུབ་སེམས་དཔའ་བརྒྱད་ལ་ཕྱག་འཚལ་ལོ།།
八大菩薩御前我頂禮
།རིན་ཆེན་གདུགས་མཆོག་བཀྲ་ཤིས་གསེར་གྱི་ཉ།
殊妙傘蓋吉祥黃金魚
།འདོད་འབྱུང་བུམ་བཟང་ཡིད་འོང་ཀ་མ་ལ།
滿願寶瓶悅意青蓮花
།སྙན་གྲགས་དུང་དང་ཕུན་ཚོགས་དཔལ་བེའུ།
美譽法螺圓滿吉祥結
མི་ནུབ་རྒྱལ་མཚན་དབང་བསྒྱུར་འཁོར་ལོ་སྟེ།།
不敗法幢自在妙法輪
།རིན་ཆེན་རྟགས་མཆོག་བརྒྱད་ཀྱི་ཕྱག་མཚན་ཅན།
手持殊勝八吉祥法器
།ཕྱོགས་དུས་རྒྱལ་བ་མཆོད་ཅིང་དགྱེས་བསྐྱེད་མ།
供養方時諸佛令喜悅
།སྒེག་སོགས་ངོ་བོ་དྲན་པའི་དཔལ་འཕེལ་བའི།
思維天女體性增吉祥
།བཀྲ་ཤིས་ལྷ་མོ་བརྒྱད་ལ་ཕྱག་འཚལ་ལོ།།
八大吉祥天女我頂禮
།ཚངས་པ་ཆེན་པོ་བདེ་འབྱུང་སྲེད་མེད་བུ།
梵天大自在天遍入天
།མིག་སྟོང་ལྡན་དང་རྒྱལ་པོ་ཡུལ་འཁོར་སྲུང་།
千目帝釋持國天王與
།འཕགས་སྐྱེས་པོ་དང་ཀླུ་དབང་མིག་མི་བཟང་།
增長天王龍王廣目天
།རྣམ་ཐོས་སྲས་ཏེ་ལྷ་རྫས་འཁོར་ལོ་དང་།།
多聞天王各持妙法寶
།ཏྲི་ཤཱུ་ལ་དང་མདུང་ཐུང་རྡོ་རྗེ་ཅན།
法輪叉戢短矛金剛杵
།པི་ཝང་རལ་གྲི་མཆོད་རྟེན་རྒྱལ་མཚན་འཛིན།
琵琶寶劍佛塔尊勝幢
།ས་གསུམ་གནས་སུ་དགེ་ལེགས་བཀྲ་ཤིསསྤེལ།
三界增長善妙與吉祥
།འཇིག་རྟེན་སྐྱོང་བ་བརྒྱད་ལ་ཕྱག་འཚལ་ལོ།།
世間八大護法我頂禮
།བདག་ཅག་དེང་འདིར་བྱ་བ་རྩོམ་པ་ལ།
我等時地所作諸事業
།བགེགས་དང་ཉེ་བར་འཚེ་བ་ཀུན་ཞི་ཞིང་།
障礙傷害悉皆盡平息
།འདོད་དོན་དཔལ་འཕེལ་བསམ་དོན་ཡིད་བཞིན་འགྲུབ།
願望祥盈萬事該如意
།བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པར་ཤོག།
吉祥喜樂祈願悉圓滿
།ལྡང་ཚེ་བརྗོད་ན་དེ་ཉིན་དོན་ཀུན་འགྲུབ།
晨起念誦是日諸事順
།ཉལ་ཚེ་བརྗོད་ན་རྨི་ལམ་བཟང་པོ་མཐོང་།
睡前念誦夢境現祥瑞
།གཡུལ་དུ་འཇུག་ཚེ་བརྗོད་ན་ཕྱོགས་ལས་རྒྱལ།
出征念誦戰勝各地方
།བྱ་བ་བརྩམས་དུས་བརྗོད་ན་འདོད་དོན་འཕེལ།།
行事前誦倍滿諸願求
།རྒྱུན་དུ་བརྗོད་ན་ཚེ་དཔལ་གྲགས་འབྱོར་ཤིས།
恆常念誦福祿壽名揚
།བདེ་ལེགས་ཕུན་ཚོགས་བསམ་དོན་ཡིད་བཞིན་འགྲུབ།
樂善圓滿所求悉如意
།སྡིག་སྒྲིབ་ཀུན་བྱང་མངོན་མཐོ་ངེས་ལེགས་ཀྱིས།
業障盡除增上決定勝
།དོན་ཀུན་གྲུབ་པ་རྒྱལ་བ་མཆོག་གིས་གསུངས།།
諸事成就此乃佛所說
།རབ་ཚེས་མེ་སྤྲེལ་ཟླ་བ་ལྔ་པའི་ཚེས་གསུམ་གཟའ་ཉི་མ་དང་རྒྱུ་སྐར་རྒྱལ་གྱི་དུས་བཟང་པོའི་ཆ་ལ་འཇམ་དཔལ་དགྱེས་པའི་རྡོ་རྗེའི་ཡིད་མཚོ་ལས་བྱུང་བའི་ནོར་བུའི་དོ་ཤལ་ཆེན་པོ་མ། རྒ་ལཾ། བཀྲ་ཤིས་ཤོག །།།
藏曆第十五勝生週火猴年五月初三,太陽與鬼宿之良辰吉日,蔣巴給貝多傑(文殊喜金剛,局彌龐仁波切)從心意之海取出之大牟尼寶瓔珞。願吉祥!
檔案下載
神聖吉祥八之偈頌法句願文.pdf
--發布日期:2021-05-21